བེད་སྤྱོད་སྒྲིག་ལམ།使用细则
བརྩམས་ཆོས་དམིགས་གསལ་ཅན་འགའ་མ་གཏོགས་མང་ཤོས་རང་ཉིད་ཀྱི་པར་དཔང་ཁས་ལེན་བྱེད་ཡོད། རྒྱལ་སྤྱིའི་པར་དབང་སྒྲིག་ལམ་ལ་བརྩི་སྲུང་བྱ་རོགས།除了少量标注为引用的文档,文章均为原创,适用于相关细则。编译文章版权也受相关著作权法保护,敬请尊重作品版权。
ཤེས་ཡོན་པའི་སྡེ་ལ་སྤྲིངས་པ།
ད་ཆ་ང་ཚོར་རྒྱུ་རྐྱེན་གང་ཡང་མེད་པར་རང་གི་རིག་གནས་ལ་ཁེངས་རློམ་ཆེན་མོ་ཆགས་ཡོད་པ་རེད།གཞན་སྔོན་ཐོན་དུ་མཐོང་པའི་མི་རིགས་དང་རྒྱལ་ཁབ་ཁག་གིས་འཕེལ་རྒྱས་དང་བསྡུར་ན་།རང་ཅག་ནི་ངའི་ཨ་ཕའི་ཕོར་བ་གཙང་མ་ཡིན་སྙམ་པའི་ལུང་པ་ནང་གི་སྤྲེའུ་ལས་མི་འདས།རང་སོ་སོའི་ད་དུང་འདས་ཟིན་པའི་ལོ་རྒྱུས་ནང་གི་གཟི་བརྗིད་ཉག་མ་ཙམ་རེ་འཚོལ་ནས་དེ་ལ་འུད་སྒྲོག་བྱེད་པར་གོམས་ཡོད་མོད།འོན་ཀྱང་འདས་ཟིན་པ་ནི་བེམ་རོ་ཡིན་པ་ལས་གཟི་བརྗིད་ཟེར་བ་གང་ནས་མཐོང་།ང་ཚོས་གྲས་སུ་གཞན་ལ་གནས་ལུགས་བསྩོལ་མཁ་ན་གྱི་སྐྱེས་བུ་མང་དྲགས།དེ་བས་དོན་ཕྲན་ཚེགས་ནས་མགོ་བརྩམས་ཏེ་རང་དོན་ལ་འབད་པའི་ཞོར་དུ་རང་རིགས་ཀྱི་ཐུན་མོང་གི་ཤེས་ཡོན་ཀྱི་ཚད་འཕེལ་བ་ནི་ལེགས་པར་ཐོན་མོད།འོན་ཀྱང་དེ་གྲས་སུ་ཁ་མཁས་བ་ལས་ལག་དུ་རྩིས་འཁོར་ཙམ་དང་གོ་རྒྱུ་ཡོད་པའི་རིག་གཞུང་ཞིབ་འཇུག་ཀྱི་འབྲས་བུ་ཐོབ་ཐུབ་པ་ཅན་ཡང་མཐོང་རྒྱུ་ཉུང་ཉུང་རེད།ད་དུང་ཡང་དེང་གི་རིག་གཞུང་ལ་གོ་བ་ཕྱོགས་གཞན་ཞིག་ནས་བླངས་ཆོག་སྟེ།གཅིག་ཤོས་ནི་ཏང་དང་རྒྱལ་ཁབ་དང་བོད་ལྗོངས་གསར་བར་བསྟོད་བསྔགས་རྐྱང་རྐྱང་དང་།གཅིག་ཤོས་ནི་རང་རང་གིས་ལས་གཞི་འཆོལ་མེད་ཞིག་ལ་སྙད་བཏགས་ནས་དཔེར་ན་བོན་དང་མིང་མཐའ་པ་བ་སོགས་ལ་དཔྱད་ཁུལ་བྱས།རིག་གཞུང་ཡིན་སྙམ་ནས་རང་སྣང་སྐྱིད་འདུག་པ།ཡང་གཅིག་ཤོས་ནི་གོ་རྒྱུ་ཅི་ཡང་མེད་པར་གཞན་རིགས་ཀྱི་རྩོམ་གཞུང་སོགས་ལས་ལོ་ཙཱ་བྱེད་ཁུལ་བྱས།གཞུང་ལུགས་ཀྱི་ཟུར་ཆ་ཙམ་མི་ཤེས་ཤེས་ཁུལ་གྱིས་རང་གི་ཡོན་ཏན་དུ་བརྩི་བ་བཅས་སོ།རང་རེ་སྤྱི་ཚོགས་ཁྲོད་དུ་རིག་གཞུང་གི་ཁྲམ་པ་མང་པ་ནི་ཚད་མ་རེད་ལ་དེ་དག་ནི་དབྱེ་བ་འབྱེད་རྒྱུ་ཤིན་དུ་སླ།འོན་ཀྱང་བོང་རྫི་ཟེར་རྒྱུ་དེ་ལ་སོགས་རང་སྣང་མཐོ་བའི་བླུན་པོར་མཁས་པའི་མིང་བྱང་སྤྲད་ཅིང་།ནུབ་བྱང་ལ་སོགས་རྒོད་པའི་བསམ་བློ་ལ་གཉོམ་ཆུང་དང་བསམ་མེད་དུ་བསམ་ནས་འུད་ཀྱིས་ཁྱད་གསོད་གཏོང་པ།ཀུན་ལ་རྒྱུས་མངའ་ལྡན་པའི་ལོ་རྒྱུས་དང་ཚན་རིག་གི་རྒྱུན་ཤེས་སོགས་ལ་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་ནས་བཙན་གྱི་འགྲེལ་ལོག་རྒྱག་པ།ཤེས་རིག་གི་ནང་དོན་ལ་རྒྱུན་ཤེས་ཙམ་མགཏོགས་རྒྱུས་ལོན་མེད་མོད།དེར་ད་དུང་རང་གི་ཡོན་ཏན་དུ་སེམས་ནས་ཀུན་ལ་སྒྲོག་ཁུལ་བྱེད་པ་སོགས་ནི་དེང་གི་བོད་པའི་ཤེས་ཡོན་པའི་ཆ་ལུགས་རེད།
མི་རིགས་འདི་འདྲ་བར་རེ་བ་ཟེར་རྒྱུ་ཉག་མ་ཙམ་ཡང་མི་གདའ།
བེད་སྤྱོད་སྒྲིག་ལམ།使用细则
བརྩམས་ཆོས་དམིགས་གསལ་ཅན་འགའ་མ་གཏོགས་མང་ཤོས་རང་ཉིད་ཀྱི་པར་དཔང་ཁས་ལེན་བྱེད་ཡོད། རྒྱལ་སྤྱིའི་པར་དབང་སྒྲིག་ལམ་ལ་བརྩི་སྲུང་བྱ་རོགས།除了少量标注为引用的文档,文章均为原创,适用于相关细则。编译文章版权也受相关著作权法保护,敬请尊重作品版权。